ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས15ཉིན་ཅོར་ཏན་རྒྱལ་བོའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཅཱ་ཧྥ་ཨར་ཧཱ་སིང་ལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག
ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ།ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཧཱ་སུའུ་ནེ་སྲིད་གཞུང་གིས་ཉིན་དེའི་སྔ་དྲོར་སྤྲད་པའི་ལས་ཁུར་དགོངས་ཞུའི་སྙན་ཞུ་དང་ལེན་བྱས་པར་མ་ཟད།ཅཱ་ཧྥ་ཨར་ཧཱ་སིང་ལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག་ཡོད་ཟེར།
ཟླ་འདིའི་ཚེས་བཅུ་ཉིན། ཅོར་ཏན་གྱིས་སྐབས་ཉི་ཤུ་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།ཚེས་བཅུ་བཞི་ཉིན་ཁྱབ་བསྒྲགས་བྱས་པའི་གྲོས་ཁང་གི་འདེམ་བསྐོའི་དངོས་གཞིའི་མཇུག་འབྲས་ལྟར་ན། ཆེས་ཆེ་བའི་ངོ་རྒོལ་ཏང་དབྱི་སི་ལན་འགུལ་སྐྱོད་འཐབ་ཕྱོགས་ཏང་ལ་ལས་གནས་མང་བོ་ཐོབ་ཡོད། ཅོར་ཏན་གྱི་རྩ་ཁྲིམས་ལྟར་ན། གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱེད་དགོས་པ་རེད།
དབུ་བཞུགས་བློན་ཆེན་གྱི་འགན་ཁུར་མཁན་ཅཱ་ཧྥ་ཨར་ཧཱ་སིང་ནི་གཅིག་སྟོང་དགུ་བརྒྱ་རེ་བརྒྱད་ལོར་སྐྱེས་པ་དང་།ཁོས་སྔོན་ཆད་ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་དཔལ་འབྱོར་གྱི་གཙོ་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་མྱོང་བ་དང་། ད་ལྟ་ཅོར་་ཏན་རྒྱལ་བོའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་ཡོད།
ཧཱ་སུའུ་ནེ་ཡིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བ་ནས་བཟུང་ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བ་དང་།ཧཱ་སུའུ་ནེ་སྲིད་གཞུང་གིས་སྲིད་གཞུང་གསར་བ་འཛུགས་རག་བར་ལས་འགན་ལག་བསྟར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།