ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས19ཉིན་བསྟན་དོན། ཨུ་རུ་སི་ཡིས་ད་ལོར་མི་མེད་གནམ་གྲུའི་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་བའི་འཆར་གཞི་ཡོད་པ་དང་། ཚོད་དཔག་བྱས་ན་ནིང་གི་ཐོན་སྐྱེད་ཚད་ལས་ལྡབ་བཅུ་འཕར་སྲིད་ཟེར།
ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཧྲིན་པུས་ཏི་པའོ་ནས་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་དམག་དོན་བཟོ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཕུའུ་ཅིན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། 2023ལོར་ཨུ་རུ་སིའི་དམག་དཔུང་གིས་བསྡོམས་པས་རྣམ་པ་མི་འདྲ་བའི་མི་མེད་གནམ་གྲུ་འབུམ་གཅིག་དང་ཁྲི་བཞི་ཙམ་དང་ལེན་བྱས་པ་དང་། ད་ལོར་ཨུ་རུ་སིའི་མི་མེད་གནམ་གྲུའི་ཐོན་སྐྱེད་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་ཉིན་དེའི་སྔ་དྲོར་ཧྲིན་པུས་ཏི་པའོ་རུ་ཡོད་པའི་རྒྱལ་སྲུང་བཟོ་ལས་ཁེ་ལས་ལ་རྟོག་ཞིབ་བྱས་པ་དང་། མི་མེད་གནམ་གྲུའི་དཔེ་དབྱིབས་དང་མི་མེད་བར་སྣང་མྱུལ་ཞིབ་མ་ལག་སོགས་ལ་ལྟ་སྐོར་དང་རྒྱུས་ལོན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།