དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དམག་དཔུང་གིས་ཉིན་དེར་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་ཁྲོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་ཐེངས་གསུམ་བྱས་པ་དང་། དབྱི་རག་བདེ་འཇགས་དམག་དཔུང་གིས་དེའི་རྗེས་སུ་དམིགས་འབེན་དེར་ས་ངོས་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་སྐབས། དྲག་ཆས་ཉེས་ཅན་གྱི་བེམ་པོ་དྲུག་རྙེད་པ་དང་། དེའི་གྲས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་ཨོ་མཱ་ཨར་སཱ་ལཱ་ཧི་ནེ་མཱ་ཡི་བེམ་པོ་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་གཙང་ཕྱགས་འགུལ་སྐྱོད་སྤེལ་སྐབས་རང་འགུལ་ཅན་གྱི་འགས་གཏོར་སྐ་རགས་དང་མཚོན་ཆ། ལག་འཁྱེར་ཁ་པར་སོགས་སྒྲིག་ཆས་གཞུང་བཞེས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།