ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས20ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་ནས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་ཐེངས་གཉིས་བྱས་ཏེ། དྲག་ཆས་ཉེས་ཅན12བསད་པ་དང་། དམག་མི་དྲུག་རྐྱེན་ལམ་དུ་ཤོར།
ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། བདེ་འཇགས་དམག་དཔུང་གིས་ཚེས19ཉིན་གྱི་དགོང་མོར་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཝ་ཆི་ལི་སི་ཐན་བྱང་མ་ས་ཁུལ་ནས་ཁྲིམས་འགལ་གྱིས་མངའ་ཁོངས་སུ་ཡོང་བའི་དྲག་ཆས་ཉེས་ཅན་མཐོང་བ་དང་། དེའི་རྗེས་སུ་འཁྲུག་རྩོད་བྱེད་སྐབས་དྲག་ཆས་ཉེས་ཅན་ལྔ་བོ་ཚང་མ་བསད། དེ་ལས་གཞན་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས20ཉིན་ཞིང་ཆེན་དེའི་ཝ་ཅི་ལི་སི་ཐན་ལྷོ་མ་ས་ཁུལ་གྱི་བདེ་འཇགས་དམག་དཔུང་གི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། དམག་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར། གསལ་སྒྲོག་ལས་བསད་པའི་དྲག་ཆས་ཉེས་ཅན་དེ་དག་རྩ་འཛུགས་གང་གི་ཁོངས་སུ་གཏོགས་པ་གསལ་བོར་བཤད་མེད།
ཝ་ཅི་ལི་སི་ཐན་ལྷོ་མ་དང་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་གཉིས་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་ཡོད་ཅིང་། ཕཱ་ལེ་སི་ཐན་ཐཱ་ལེ་པན་སོགས་འཇིགས་སྐུལ་རྩ་འཛུགས་རྒྱུན་པར་གནས་དེར་འགུལ་སྐྱོད་བྱེད་བཞིན་ཡོད། གོང་གི་ས་ཁུལ་དེ་ཡང་ཕཱ་ལེ་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་སའི་ས་ཁུལ་གཙོ་བོའང་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།