ཏན་མག་གི་རྒྱལ་བོས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།
2024.09.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཏན་མག་རྒྱལ་ཁབ་ཀྱི་རྒྱལ་བོ་ཕའེ་ཐི་ལེ་སྐུ་ཕྲེང་བཅུ་བས་ཚེས19ཉིན་བསྟན་དོན། ཏན་མག་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྙིང་ཐག་པ་ནས་སྨོན་འདུན་ཞུ་བཞིན་ཡོད་ཟེར།

ཕའེ་ཐི་ལེ་སྐུ་ཕྲེང་བཅུ་བས་ཉིན་དེར་ཏན་མག་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཞོས་ཧྥུན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས། ཁོས་ཐེངས་མང་བོར་ཀྲུང་གོའི་འཚམས་འདྲི་བྱས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་། ཏན་མག་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྙིང་ཐག་པ་ནས་སྨོན་འདུན་ཞུས།

ཝང་ཞོས་ཧྥུན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་སྣེ་ཁྲིད་འོག ཀྲུང་གོ་དང་ཏན་མག་གི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་། ཁོས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཤིང་། སང་ལོའི་ཀྲུང་གོ་དང་ཏན་མག་བར་འབྲེལ་བ་བཙུགས་ནས་ལོ་ངོ75འགོར་བ་གོ་གསྐབས་སུ་བྱས་ཏེ། ཀྲུང་གོ་དང་ཏན་མནག་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝང་ཞོས་ཧྥུན་ཟླ7པའི་ཚེས1ཉིན་ཏན་མག་ཏུ་འབྱོར་ནས་ལས་འགན་ལག་བསྟར་བྱས་བ་དང་། ཟླ7པའི་ཚེས2ཉིན་ཏན་མག་ཕྱི་འབྲེལ་པུའུ་ལ་རྒྱལ་ཡིག་དཔར་མ་སྤྲད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།