ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས21ཉིན་གྱི་དགོང་མོར་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས། སྲིད་གཞུང་གསར་བར་པུའུ་ཀྲང19དང་པུའུ་ཀྲང་རིམ་པའི་འཐུས་མི15། རྒྱལ་སྲིད་དྲུང་ཡིག5བཅས་བསྡོམས་པས་ཁོངས་མི39ཡོད་པ་རེད།
མིང་ཐོ་ལྟར་ན། སྲིད་གཞུང་གསར་བའི་ཁོངས་མི་དག་གཙོ་བོ་ཙུང་ཐུང་མཱ་ཁི་ལུང་ཡོད་སའི་དཀྱིལ་དབུས་ཕྱོགས་ཁག་གི་མི་སྣ་དང་། དེ་མིན་ཙུང་ལི་པཱ་ནེ་ཡེ་ཡོད་སའི་གཡས་ཕྱོགས་ཕྱོགས་ཁག་གི་མི་སྣ་རེད། དེའི་ནང་གྲོས་ཞུགས་ཁང་སྤྱི་མཐུན་ཏང་གི་ཏང་ཚོགས་འགན་ཁུར་བ་པུའུ་ལུའུ་ནོའུ་ལེ་ཐཱ་ཡའོ་ཡིས་ནང་སྲིད་པུའུ་ཀྲང་གི་འགན་ཁུར་ཡོད་པ་དང་། རྒྱལ་དམངས་གྲོས་ཁང་བསྐྱར་དར་ཏང་གི་གྲོས་མི་ཨན་ཐའོ་ཝན་ཨ་ཨར་མང་གིས་དཔལ་འབྱོར་པུའུ་ཀྲང་གི་འགན་ཁུར་ཡོད། སྐབས་སྔོན་མའི་སྲིད་གཞུང་གི་ཡོ་རོབ་གླིང་ལས་དོན་གྱི་འགན་ཁུར་བའི་པུའུ་ཀྲང་རིམ་པའི་འཐུས་མི་རིང་ནོའུ་ཨེ་ཨར་པཱ་ལོ་ཡིས་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་ཡོད། སྐབས་སྔོན་མའི་སྲིད་གཞུང་གི་རྒྱལ་སྲུང་པུའུ་ཀྲང་སེ་པཱ་སི་ཏིས་ཨན་ལེ་ཁི་ཨར་ནེ་སྔོན་གྱི་གོ་གནས་སུ་སོར་འཇོག་བྱས་ཡོད་པ་རེད།
ཟླ་འདིའི་ཚེས5ཉིན་མཱ་ཁི་ལུང་གིས་པཱ་ནེ་ཡེ་ཙུང་ལིར་བསྐོ་འཇོག་བྱས་པ་དང་། ཁོར་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག་པ་རེད། པཱ་ནེ་ཡེ་ཡིས་སྲིད་ཏང་སོ་སོའི་བར་བསྟུད་མར་ཉིན་འགའི་རིང་གྲོས་མོལ་བྱས་རྗེས། ཚེས19ཉིན་གྱི་དགོང་མོར་མཱ་ཁི་ལུང་ལ་ནེ་ཀིའི་ཁོངས་མི་བསྐོ་འཇོག་བྱེད་པའི་གྲོས་འདོན་མིང་ཐོ་ཞིག་སྤྲད་པ་དང་། དེའི་རྗེས་སུ་ཡང་བསྐྱར་གྲོས་མོལ་དང་ལེགས་སྒྲིག་བྱས་རྗེས་མཱ་ཁི་ལུང་གིས་ཆེས་མཇུག་མཐར་བསྐོ་འཇོག་བྱས་པ་རེད།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཁྱབ་བསྒྲགས་བྱས་དོན། ནེ་ཀི་གསར་བའི་གྲོས་ཚོགས་ཐོག་མ་དེ་ཟླ་འདིའི་ཚེས23ཉིན་སྤེལ་རྒྱུར་གཏན་འཁེལ་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།