སིང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས21ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ས་དེའི་ཚེས21ཉིན་གྱི་དགོང་མོའི་དུས་ཚོདབཅུ་ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར་རྒྱལ་ཡོངས་སུ་མཚན་མགྲོན་འགོག་རྒྱུ་ཡིན་ཟེར།
སིང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། མིག་སྔར་རྒྱལ་ཡོངས་ཀྱི་གནས་བབ་ཞི་འཇགས་སུ་སོང་ཡོད་པ་དང་། མཚན་མགྲོན་འགོག་པ་ནི་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་ཡིན་ཟེར།
སིང་ག་ལཱ་ཡིས་ཚེས21ཉིན་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། བསྡོམས་པས་འདེམ་སྒུག་མི་སྣ38འགྲན་རྩོད་ལ་ཞུགས། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད7ནས་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་བཞིའི་སྟེང་མཇུག་སྒྲིལ། སིང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་སྒྲོག་ནང་བཤད་རྒྱུར། འདེམ་བསྐོའི་བྱ་འགུལ་ལ་ཞུགས་པའི་མི་སྣས་དཔོན་ཕྱོགས་ཀྱི་ལག་འཁྱེར་ཐོབ་ཐང་དེ་མཚན་མགྲོན་འགོག་པའི་སྐབས་ཀྱི་ཆོག་མཆན་དཔང་ཡིག་ཏུ་བྱས་ཆོག་པ་དང་། གནམ་གྲུ་ཐང་སོགས་སུ་འགྲོ་འོང་བྱེད་ན་གནམ་གྲུའི་སྤ་སེ་དེ་ཆོག་མཆན་དཔང་ཡིག་ཏུ་བྱས་ཆོག་ཟེར།
སིང་ག་ལཱའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བསྟན་དོན། ཐེངས་འདིའི་འདེམ་བསྐོའི་བརྒྱུད་རིམ་གཏན་འཇགས་ཡིན་པ་དང་། དྲག་ཤུགས་དོན་རྐྱེན་བྱུང་བའི་སྙན་ཞུ་གང་ཡང་འབྱོར་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།