ཏིས་སཱ་ནཱ་ཡཱ་ཁི་ལ་སིང་ག་ལའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
2024.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

སིང་ག་ལའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རྒྱལ་ཁབ་མི་དམངས་སྟོབས་ཤུགས་ཏང་གི་མགོ་ཁྲིད་པ་ཏིས་སཱ་ནཱ་ཡཱ་ཁི་ལ་ཚེས21ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་ཙུང་ཐུང་གསར་བར་བདམས་ཐོན་བྱུང་།

བསྡོམས་པས་འདེམ་སྒུག་པ38ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་ཡོད། ཏིས་སཱ་ནཱ་ཡཱ་ཁི་ལས་གཞན། སིང་ག་ལའི་ད་ལྟའི་ཙུང་ཐུང་ཝེ་ཁི་ལཱ་མཱ་ཞིན་ཧྭ་དང་ངོ་རྒོལ་ཏང་ཁག་གཙོ་བོ་གཅིག་གྱུར་རྒྱལ་དམངས་སྟོབས་ཤུགས་ཏང་གི་མགོ་ཁྲིད་པ་ཕུའུ་ལོས་མཱ་ཏཱ་སཱ་སོགས་འདུས།

སིང་ག་ལའི་ཙུང་ཐུང་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། བརྒྱ་ཆའི་ལྔ་བཅུ་བརྒལ་བའི་འདེམ་ཤོག་ཐོབ་པའི་ཙུང་ཐུང་གི་འདེམ་སྒུག་པ་ཐད་ཀར་དུ་བདམས་ཆོག་པ་ཡིན། གལ་ཏེ་ཕྱེད་གྲངས་ལས་བརྒལ་བའི་འདེམ་ཤོག་ཐོབ་མཁན་མེན་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་ལ་ཐེངས་གཉིས་པར་འདེམ་ཤོག་འཕངས་ནས་རྒྱལ་ཕམ་རྩོད་པ་ཡིན།

སྐོར་ཐེངས་དང་པོའི་འདེམ་ཤོག་རྩིས་ལེན་བྱེད་སྐབས། ཏིས་སཱ་ནཱ་ཡཱ་ཁི་དང་ཕུའུ་ལོས་མཱ་ཏཱ་སཱ་གཉིས་ལ་སོ་སོར་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་གསུམ་གཅིག་དང་། བརྒྱ་ཆའི་སོ་གཉིས་དང་གྲངས་ཆུང་བདུན་དྲུག་གི་འདེམ་ཤོག་ཐོབ་ཚད་ཀྱིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ནང་ཞུགས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།