དབྱི་སི་རལ་གྱི་དམག་དཔུང་གིས་ཡེ་མིན་ནས་དབྱི་སི་རལ་གྱི་དབུས་ཕྱོགས་སུ་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་བཀག
2024.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས27ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་རྒྱང་འཕེན་མཁའ་སྲུང་མ་ལག་གིས་ཡེ་མིན་གྱིས་དབྱི་སི་རལ་གྱི་དབུས་ཕྱོགས་ས་ཁུལ་དུ་གཏོང་འཕེན་བྱས་པའི་འཕུར་མདའ་བཀག་པ་དང་། འཕུར་མདའ་བཀག་པ་ལས་འགས་གཏོར་བྱུང་སྟེ་ཆག་རོ་སར་ལྷུང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་ནང་སྒྲིག་སྦྱོར་བྱས་པའི་སྔོན་བརྡའི་མ་ལག་ལས་མངོན་པ་ལྟར་ན། ཐི་ལཱ་ཝེ་ཧྥུའུ་ཡི་ཉེ་འཁོར་ས་ཁུལ་མང་བོར་མཁའ་སྲུང་ཉེན་བརྡ་བཏང་བ་རེད།

དབྱི་སི་རལ་གྱི་ཉེན་སྐྱོབ་རྩ་འཛུགས་ཏེ་ཕུབ་ཆེན་དམར་པོ་ཞེས་པས་བཤད་རྒྱུར། མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་བསྒྲགས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།