ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས27ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣུམ་སྣོན་ས་ཚིགས་ཤིག་ནས་ཉིན་དེར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི10རྐྱེན་ལམ་དུ་ཤོར།
བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་མཱ་ཧཱ་ཆི་ཁཱ་ལཱའི་ཉེ་འདབས་ཀྱི་རླངས་འཁོར་གྱི་སྣུམ་སྣོན་ས་ཚིགས་ཤིག་ནས་བྱུང་བ་དང་། སྣུམ་སྣོན་ས་ཚིགས་ཀྱི་བཟོ་བཀོད་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། མེར་འབར་བའི་རྒྱ་ཁྱོན་སྨིད་ངོས་སྙོམས་གྲུ་བཞི་མ་ལྔ་བརྒྱར་བསླེབས་ཡོད། འགས་གཏོར་ལས་བྱིས་པ་གཉིས་དང་བཅས་པའི་མི10རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི11ལ་རྨས་ཕོག ཆེད་ལས་མི་སྣ100ལྷག་དང་ལག་རྩལ་སྒྲིག་ཆས20ལྷག་གིས་ཡུལ་དངོས་སུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད།
མིག་སྔར་འགས་གཏོར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།