ལེ་པཱ་ནུན་དམག་ཕྱོགས་ཀྱི་མི་སྣས་ཚེས28ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། སྨན་བཅོས་མི་སྣ་དང་བཅས་པའི་མི23རྐྱེན་ལམ་དུ་ཤོར་བ་དང་། མི65ལ་རྨས་ཕོག་ཡོད་ཟེར།
གནས་ཚུལ་ཤེས་མཁན་དེས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་དང་མི་མེད་གནམ་གྲུས་ཚེས28ཉིན་གྱི་ཕྱི་དྲོར་བར་སྣང་འཇབ་རྒོལ་ཐེངས་དགུ་བཅུ་ཙམ་སྤེལ་བ་དང་། དམིགས་འབེན་ནི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སྡེ་བ་དང་གྲོང་རྡལ་ཞེ་ལྔ་ཙམ་ཡིན་ལ། ས་དེའི་སྨན་ཁང་དང་དམངས་སྲུང་ལྟེ་གནས་སྐོར་ཞིག་ལ་འཇབ་རྒོལ་ཐེབས་ཏེ། མི12རྐྱེན་ལམ་དུ་ཤོར་བ་དང་། མི15ལ་རྨས་ཕོག ཤི་རྨས་ཐེབས་པའི་མི་མང་ཆེ་བ་ནི་སྨན་བཅོས་མི་སྣ་དང་མེ་གསོད་མི་སྣ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།