ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་པཱ་ལོ་ཡིས་ཚེས28ཉིན་གྱི་ཕྱི་དྲོར་ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ལ་ཁ་པར་གཏོང་སྐབས་བསྟན་དོན། ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་མྱུར་མོར་ལེ་པཱ་ནུན་གྱི་འཇབ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། པཱ་ལོ་ཡིས་ཁ་པར་གཏོང་སྐབས་བཤད་རྒྱུར། ཧྥ་རན་སི་ཡིས་ལེ་པཱ་ནུན་གྱི་ཉེ་སྔོན་གྱི་གནས་བབ་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱིས་མྱུར་མོར་ལེ་པཱ་ནུན་གྱི་འཇབ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མི་སེར་དཀྱུས་མར་དམིགས་པའི་ཁྱད་མེད་ཀྱི་འགུལ་སྐྱོད་གང་རུང་ལ་རྒོལ་གཏམ་བཏང་། ཧྥ་རན་སི་ཡིས་ལེ་པཱ་ནུན་ནས་ས་ངོས་ཀྱི་འགུལ་སྐྱོད་གང་རུང་སྤེལ་བར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
པཱ་ལོ་ཡིས་བཤད་རྒྱུར། ཧྥ་རན་སི་ཡིས་འབྲེལ་ཡོད་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གཏན་འཇགས་མིན་པ་དང་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་གཏོང་བའི་འགུལ་སྐྱོད་གང་ཡང་སྤེལ་མི་རུང་བའི་འབོད་སྐུལ་བཏང་། ཧྥ་རན་སི་ཡིས་བལྟས་ན། ལེ་པཱ་ནུན་དང་དབྱི་སི་རལ་གང་ཡིན་ཡང་ངེས་པར་དུ་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཧྥ་རན་སི་ཡིས་ལེ་པཱ་ནུན་གྱི་སྲིད་གཞུང་དང་ས་ཁུལ་དེའི་མཉམ་ལས་གྲོགས་པོའི་བར་འབྲེལ་འདྲིས་བྱས་ཏེ། འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།