དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་གྱིས་བྱང་ཕྱོགས་ས་ཁུལ་གྱི་འཐབ་འཁྲུག་འཆར་གཞིར་ཆོག་མཆན་བཀོད།
2024.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཧཱ་ལའེ་ཝེ་ཡིས་བྱང་ཕྱོགས་དམག་སྤྱི་ཁང་ནས་ཡུལ་བབ་དཔྱད་འཇོག་མཇུག་སྒྲིལ་རྗེས་བྱང་ཕྱོགས་ས་ཁུལ་གྱི་འཐབ་འཁྲུག་འཆར་གཞིར་ཆོག་མཆན་བཀོད།

ཧཱ་ལའེ་ཝེ་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་བསད་རྗེས་གོང་གི་སྐད་ཆ་དེ་བཤད་པ་རེད། མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གིས་བྱང་ཕྱོགས་ས་ཁུལ་གྱི་འཐབ་འཁྲུག་འཆར་གཞིའི་བྱེ་བྲག་གི་ནང་དོན་ཁྱབ་བསྒྲགས་བྱས་མེད།

ཧཱ་ལའེ་ཝེ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་འཐབ་ཕྱོགས་ཚང་མ་ནས་དམག་གྲབས་རྣམ་པར་གནས་ཡོད་པ་དང་། འགོག་སྲུང་དང་དཔུང་འཇུག་གང་ཡིན་ཡང་རུང་། དབྱི་སི་རལ་གྱི་དམག་དཔུང་གིས་རྗེས་ཕྱོགས་ཀྱི་གནས་ཚུལ་གང་རུང་ལ་གྲ་སྒྲིག་བཟང་བོ་བྱས་ཡོད་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཀྲིན་ཀྲུའུ་ཏང་གི་དམག་དོན་ནུས་པར་གཏོར་བཤིག་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།