ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས29ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི57རྐྱེན་ལམ་དུ་ཤོར་བ་དང་། མི105ལ་རྨས་ཕོག་ཡོད་ཟེར།
གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱིས་ལེ་པཱ་ནུན་ཤར་ཕྱོགས་ཀྱི་ཕཱ་ལེ་པེ་ཁི་དང་ཞེ་ཨར་མུས་ལེ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི21རྐྱེན་ལམ་དུ་ཤོར་བ་དང་། མི47ལ་རྨས་ཕོག་ཡོད་ལ། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཨེ་ཡུན་ཏའེ་ཨར་པུའུ་སྡེ་བར་བར་སྣང་འཇབ་རྒོལ་ཐེབས་ཏེ་མི32རྐྱེན་ལམ་དུ་ཤོར་བ་དང་། མི53ལ་རྨས་ཕོག ལྷོ་ཕྱོགས་ཀྱི་ཨན་ཁུའུ་ཨིན་གྲོང་རྡལ་དུ་འཇབ་རྒོལ་ཐེབས་ནས་མི4རྐྱེན་ལམ་དུ་ཤོར་བ་དང་། མི5ལ་རྨས་ཕོག་ཡོད་ཟེར།
ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས29ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་འཇབ་རྒོལ་བྱས་པའི་དབང་གིས་ལེ་པཱ་ནུན་གྱི་ཡུལ་འཁྱམས་བྱེད་པའི་མི་གྲངས་ས་ཡ་གཅིག་ལ་བསླེབས་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས29ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་སོགས་སུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན120ཙམ་ལ་འཇབ་རྒོལ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།