པེད་ཏིན་གྱིས་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་ས་ངོས་ནས་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་དགོས་པའི་ཚུལ་བསྟན།
2024.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཟླ9བའི་ཚེས30ཉིན་བསྟན་དོན། དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་ས་ངོས་ནས་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་པ་དང་འཁྲུག་རྩོད་མཚམས་འཇོག་དགོས་པའི་ཚུལ་བསྟན།

པེད་ཏིན་གྱིས་ཉིན་དེར་ཕོ་བྲང་དཀར་པོ་ནས་ཧེ་ལོན་ནེ་ཞེས་པའི་དྲག་རླུང་ལས་བཟོས་པའི་གནོད་འཚེའི་གནས་ཚུལ་ཐད་ནས་སྨྱན་བྱད་ལ་མཚམས་སྦྱོར་བྱས་པ་དང་། དེའི་རྗེས་སུ་གསར་འགོད་པས་དབུས་ཤར་ས་ཁུལ་གྱི་གནས་བབ་དང་འབྲེལ་བའི་དྲི་བ་འདོན་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། པེད་ཏིན་གྱིས་བསྟན་དོན། ཁོས་རྒྱུས་ལོན་པ་ལྟར་ན་དབྱི་སི་རལ་གྱིས་མི་འགྱངས་པར་ལེ་པཱ་ནུན་ལ་ས་ངོས་ཀྱི་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ཡོད་པ་རེད། ངའི་རེ་བ་ཡིན་ཁོ་ཚོས་དམག་དོན་འགུལ་སྐྱོད་མཚམས་བཞག་ནས་ད་ལྟ་འཐབ་འཁྲུག་མཚམས་བཞག་ན་རེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་མུས་ལེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་དང་མཉམ་དུ་ལེ་པཱ་ནུན་གྱི་ས་ངོས་དམག་དོན་འགུལ་སྐྱོད་ཐད་ནས་འབྲེལ་འདྲི་བྱས། དབྱི་སི་རལ་ཕྱོགས་ཀྱིས་ཨ་མེ་རི་ཁར་བཤད་དོན། ས་ངོས་དམག་དོན་འགུལ་སྐྱོད་སྤེལ་ན་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་གནས་པའི་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་ཙམ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།