དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས2ཉིན་གྱི་ཞོགས་པར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། དབྱི་སི་རལ་གྱིས་དབྱི་ལིང་གི་འཕུར་མདའི་འཇབ་རྒོལ་ལ་དམིགས་ནས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་མི་རུང་བའི་ཉེན་བརྡ་བཏང་།
ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལིང་གིས་ཚེས1ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དོན་ཚན་ང་གཅིག་པ་གཞིར་བཟུང་ནས་རང་སྲུང་བྱ་སྤྱོད་སྤེལ་བ་ཡིན། དམག་དོན་འགུལ་སྐྱོད་དེ་ནི་དབྱི་ལིང་གིས་ཉེ་བའི་ཟླ་ངོ་གཉིས་ཙམ་གྱི་རིང་རང་ཚོད་བཟུང་བ་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་གོ་སྐབས་ཡང་ཡང་བྱིན་རྗེས་ལག་བསྟར་བྱས་པ་ཡིན་ཟེར།
ཨ་ལཱ་ཀི་ཆི་ཡིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་སྔར་ལས་ལྷག་པའི་འཁོན་ལན་སློག་པའི་འགུལ་སྐྱོད་མ་སྤེལ་ན་དབྱི་ལིང་གི་དམག་དོན་འགུལ་སྐྱོད་དེ་མཇུག་སྒྲིལ་བ་ཡིན། གལ་ཏེ་དབྱི་སི་རལ་ཕྱོགས་ཀྱིས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་ན། དབྱི་ལིང་གིས་སྔར་ལས་འཇབ་རྒོལ་དྲག་པོ་སྤེལ་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།