རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཚེས2ཉིན་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་ཁ་པར་གྲོས་ཚོགས་བསྡུས་ཏེ། ཉམས་ཉེན་དེ་སྔར་བཞིན་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་པ་དང་། ས་ཁུལ་གྱི་འཁྲུག་རྩོད་དེ་མི་སུ་དང་གང་གི་ཁེ་ཕན་དང་ཡང་མི་འཚམ་ཟེར།
དབྱི་ཐཱ་ལེའི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ཡིས་རོ་མཱ་ནས་ཐེངས་འདིའི་ཁ་པར་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཉེ་སྔོན་དབུས་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། དབྱི་ལིང་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། མཉམ་དུ་འབད་བརྩོན་བྱས་ནས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུར་འཐད་པ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།