ནེ་པཱ་ལཱ་ཡིས་ཚེས3ཉིན་རྒྱ་གར་དང་བྷང་ག་ལཱའི་བར་གྲོས་མཐུན་བཀོད་དེ། རྒྱ་གར་བརྒྱུད་དེ་བྷང་ག་ལཱ་རུ་གློག་ཤུགས་ཕྱིར་གཏོང་བྱེད་པར་ཆོག་མཆན་བཀོད་པ་རེད།
ཕྱོགས་གསུམ་གྱིས་ཉིན་དེར་ནེ་པཱ་ལཱའི་རྒྱལ་ས་ཀ་ཏི་མན་ཏུའུ་ནས་བཀོད་པའི་ལོ་ལྔའི་གྲོས་མཐུན་ལྟར་ན། ནེ་པཱ་ལཱ་ཡིས་རྒྱ་གར་གྱི་ཀུང་ཟི་ཞིག་གི་གློག་འདྲེན་སྐུད་པ་བརྒྱུད་དེ་ཉིན་རེར་བྷང་ག་ལཱ་རུ་གློག་ཤུགས་ཀྲའོ་ཝ་བཞི་བཅུ་ཕྱིར་གཏོང་བྱེད་རྒྱུ་རེད།
ནེ་པཱ་ལཱའི་གློག་ཤུགས་ཅུའུ་ཡི་དཔོན་པོ་ཅི་ཞིན་གྱིས་གྲོས་མཐུན་བཀོད་རྗེས་བསྟན་དོན། བྷང་ག་ལཱ་རུ་གློག་ཤུགས་ཕྱིར་གཏོང་བྱས་ན་ལོ་རེར་ནེ་པཱ་ལཱ་ལ་མེ་སྒོར་ས་ཡ་དགུ་དང་འབུམ་གཉིས་ཀྱི་ཡོང་འབབ་ཐོབ་ཐུབ་ཟེར།
ཉེ་བའི་ལོ་འགའི་རིང་ལ། ནེ་པཱ་ལཱའི་ཆུ་གློག་འཛུགས་སྐྲུན་ཐད་འཕེལ་རྒྱས་བྱུང་བ་དང་། ཆར་ལྡན་དུས་ཚིགས་ཀྱི་གློག་ཤུགས་ལྷག་མ་མང་བོ་འབྱུང་བཞིན་ཡོད་ལ། དེའི་སྔོན་ནེ་པཱ་ལཱ་ཡིས་རྒྱ་གར་དུ་གློག་ཤུགས་ཕྱིར་གཏོང་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།