འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས3ཉིན་བསྟན་དོན། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ལེ་པཱ་ནུན་དུ་སྨན་བཅོས་མི་སྣ28འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སྨན་བཅོས་མི་སྣ་མང་བོ་འགས་གཏོར་དབང་གིས་བྱ་བ་སྒྲུབ་ས་ནས་བྲོས་བྱོལ་བྱས་པས། ཚད་ཆེན་པོའི་སྒོ་ནས་རྨས་མ་དག་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པའི་ནུས་པར་ཚད་བཀག་ཐེབས་ཡོད་ཟེར།
ཐན་ཏི་སེ་ཡིས་ད་རུང་བཤད་རྒྱུར། གནམ་གྲུའི་གཏོང་ཐེངས་ལ་ཚད་བཀག་བྱེད་པའི་དབང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཆར་གཞི་ལྟར་ཚེས་བཞི་ཉིན་ལེ་པཱ་ནུན་དུ་སྨན་བཅོས་དངོས་རྫས་མང་བོ་སྐྱེལ་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།