ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས3ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱང་ངོས་སུ་ཡོད་པའི་ཐུའུ་ལེ་ཁའེ་ཨར་མུའུ་ཡུལ་གྱར་བའི་སྒརར་སར་འགས་གཏོར་བཏང་ནས། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི18རྐྱེན་ལམ་དུ་ཤོར་ཟེར།
ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཡུལ་གྱར་བའི་སྒར་སའི་ནང་གི་འཚིག་ཇ་ཁང་ཞིག་ལ་འཇབ་རྒོལ་བྱས་པ་དང་། ཚོད་དཔག་བྱས་ན་ཤི་རྨས་ཐེབས་པའི་མི་གྲངས་ཇེ་མང་དུ་འགྲོ་སྲིད།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། གསང་འཕྲིན་སྡེ་ཁག་དང་མཉམ་འབྲེལ་འགུལ་སྐྱོད་སྤེལ་སྐབས། དབྱི་སི་རལ་གྱི་མཁའ་དམག་གིས་ཐུའུ་ལེ་ཁའེ་ཨར་མུའུ་ས་ཁུལ་དུ་ཆམ་ཕབ་བཏང་བ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།