ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་འཇབ་རྒོལ་ཐེངས་བཞི་སྤེལ་བ་དང་། དམིགས་འབེན་ནི་གྲོང་ཁྱེར་ལྟེ་གནས་ཀྱི་དམག་དོན་སྒྲིག་ཆས་རེད་ཟེར།
ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། བར་སྣང་འཇབ་རྒོལ་ལས་བྱུང་བའི་འགས་གཏོར་གྱི་སྒྲ་ཆེན་པོ་གྲོང་ཁྱེར་ཧྲིལ་བོར་གྲགས་པ་དང་། མྱུར་སྐྱོབ་རླངས་འཁོར་མྱུར་མོར་ཡུལ་དངོས་སུ་འབྱོར་ཡོད། མིག་སྔར་ད་རུང་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།
མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་ཉིན་དེར་སཱ་ནཱ་དང་ཡེ་མིན་གྱི་མཚོ་དམར་གྲུ་ཁའི་གྲོང་ཁྱེར་ཧེ་ཐེ་ཏཱ་སོགས་སུ་བསྡོམས་པས་བར་སྣང་འཇབ་རྒོལ་ཐེངས་བཅུ་གཉིས་སྤེལ་བ་རེད་ཟེར།
ཧུའུ་སེ་དྲག་ཆས་པས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁ་དང་དབྱིན་ཇིའི་བར་སྣང་འཇབ་རྒོལ་ལ་འཇིགས་དངངས་སྐྱེས་མི་སྲིད་པ་དང་། དབྱི་སི་རལ་གྱིས་གྲོང་ཁྱེར་དང་དབྱི་སི་རལ་ལ་འབྲེལ་བ་ཡོད་པའིགྲུ་གཟིངས་སོགས་ལ་དཔུང་འཇུག་མང་དུ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།