ཨེ་ཅིབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལོག་ནས་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་བཅུར་རྨས་ཕོག
2024.10.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཨེ་ཅིབ་དཔོན་ཕྱོགས་ཀྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཅི་ནཱ་ཞིང་ཆེན་དུ་ཉིན་དེར་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་པའི་དོན་རྐྱེན་བྱུང་ནས། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཅི་ནཱ་ཞིང་ཆེན་ནས་སོ་ཧཱ་ཅེ་ཞིང་ཆེན་བར་གྱི་གཞུང་ལམ་སྟེང་བྱུང་བ་དང་། མྱུར་སྐྱོབ་རླངས་འཁོར་བཅུ་ཕྲག་ལྷག་ཡུལ་དངོས་སུ་མངག་ཡོད་ལ། རྨས་མ་ཚང་མ་ཅི་ནཱའི་ཕྱོགས་བསྡུས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་ཁ་ལོ་བས་རླངས་འཁོར་དེ་ཚོད་འཛིན་བྱེད་ཐབས་བྲལ་བ་ལས་དོན་རྐྱེན་དེ་བྱུང་བ་རེད་ཟེར།

ལམ་མི་བདེ་བ་དང་ཁ་ལོ་བའི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཞན་པ་སོགས་ཀྱི་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། འགྲིམ་འགྲུལ་དོན་རྐྱེན་ཇེ་ཉུང་དུ་གཏོང་ཆེད། ཉེ་བའི་ལོ་འགའི་རིང་ལ་ཨེ་ཅིབ་སྲིད་གཞུང་གིས་ནམ་རྒྱུན་གཞུང་ལམ་དྲ་རྒྱའི་རིམ་འཕར་ལ་སྐུལ་འདེད་བཏང་བར་མ་ཟད། གཞུང་ལམ་དང་ཟམ་པ་མང་བོ་གསར་དུ་ལས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།