ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་དབུས་ཕྱོགས་ས་ཁུལ་དུ་འཕུར་མདའ་གཉིས་གཏོང་འཕེན་བྱས་ཡོད་ཟེར།
2024.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས7ཉིན་བཤད་རྒྱུར། རྩ་འཛུགས་དེས་དབྱི་སི་རལ་དབུས་ཕྱོགས་ས་ཁུལ་དུ་འཕུར་མདའ་གཉིས་གཏོང་འཕེན་བྱས་ཡོད་ཟེར།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེའི་དགོང་མོར་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱི་དབུས་ཕྱོགས་ཀྱི་ཡཱ་ཧྥ་ས་ཁུལ་དུ་འཕུར་མདའ་གཉིས་གཏོང་འཕེན་བྱས་པ་དང་། འགུལ་སྐྱོད་དེ་སྔོན་གྱི་དམིགས་ཡུལ་དུ་བསླེབས་ཡོད་ཟེར།

དབྱི་སི་རལ་དབུས་ཕྱོགས་ཀྱི་ཐི་ལཱ་ཝེ་ཧྥུའུ་སོགས་ས་ཁུལ་དུ་ཚེས7ཉིན་གྱི་ཕྱི་དྲོར་མཁའ་སྲུང་ཉེན་བརྡ་གྲགས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། གོང་གི་ས་ཁུལ་དེ་དག་ལ་ཡེ་མིན་གྱི་ས་ཁུལ་དེ་དག་ལ་ཡེ་མིན་ནས་གཏོང་འཕེན་བྱས་པའི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། འཕུར་མདའ་དེ་དབྱི་སི་རལ་གྱི་མཁའ་སྲུང་མ་ལག་གིས་བཀག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།