ཨེ་ཙེ་ཨོ་ཕི་ཡཱའི་གྲོས་ཁང་གི་འདེམ་བསྐོ་བྱ་འགུལ་བརྒྱུད་དེ། ཐཱ་ཡེ་ཚེས7ཉིན་ཨེ་ཙེ་ཨོ་ཕི་ཡཱའི་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་།
ཚེས7ཉིན་གྱི་ཕྱི་དྲོར། ཐཱ་ཡེ་ཡིས་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། འདེམ་བསྐོ་མ་བྱས་གོང་ཐཱ་ཡེ་ཡིས་ཨེ་ཙེ་ཨོ་ཕི་ཡཱའི་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་ཡོད།
ཨེ་ཙེ་ཨོ་ཕི་ཡཱའི་སྐབས་སྔོན་མའི་ཙུང་ཐུང་སཱ་ཧི་ལེ་བོ་ཁི་ནི2018ལོའི་ཟླ10བར་བདམས་པ་དང་། ཁོའི་འགན་ཡུན་ཟླ་འདིའི་ཚེས7ཉིན་ལོངས་པ་རེད།
ཨེ་ཙེ་ཨོ་ཕི་ཡཱ་ནི་གྲོས་ཁང་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་ཡང་དོན་དངོས་ཀྱི་དབང་ཆ་མེད། གྲོས་ཁང་ནས་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ངོ་དྲུག་ཡིན་པ་དང་། ཐེངས་གཅིག་ལ་བསྟུད་འགན་ཁུར་ཆོག་པ་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།