ཁྲའོ་ཞན་གྱིས་ཧའོ་སྨིད240ཅན་གྱི་མེ་ཤུགས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།
2024.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས9ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་སྲུང་པུའུ་ཡི་ཚན་རིག་གླིང་གིས་ཚེས8ཉིན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཉིས་པའི་ཁོངས་སུ་གཏོགས་པའི་དམག་དོན་བཟོ་ལས་ཁེ་ལས་མང་བོས་ཐོན་སྐྱེད་བྱས་པའི་ཧའོ་སྨིད240ཅན་གྱི་མེ་ཤུགས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།

བསྒྲགས་པ་ལྟར་ན། ཐེངས་འདིར་གཏོང་འཕེན་ཚོད་ལྟ་བྱས་པའི་དམིགས་ཡུལ་ནི་རང་འགུལ་གཏོང་འཕེན་མ་ལག་གི་བློ་གཏད་རང་བཞིན་ལ་ཞིབ་བཤེར་བྱེད་པ་དང་། མེ་ཤུགས་འཕུར་མདའི་སྤྱི་ལེ67ཀྱི་ཆེས་རིང་བའི་གཏོང་འཕེན་དམིགས་འབེན་ལ་ཕོག་པའི་ཚད་ལ་ཡང་བསྐྱར་ཚོད་ལྟ་ཁས་ལེན་བྱེད་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།