སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་རྒྱལ་སའི་ཉེ་འཁོར་ནས་ཤོར་བའི་ས་ཁུལ་མང་བོ་ཕྱིར་བླངས།
2024.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

སུའུ་ཏན་གྱི་སྨྱན་བྱད་དང་ཉེན་རྟོག་ཕྱོགས་ཀྱིས་ཚེས8ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཉེ་སྔོན་རྒྱལ་སའི་ཉེ་འཁོར་གྱི་ཁཱ་ཐུའུ་མུའུ་ནས་ཤོར་བའི་ས་ཁུལ་མང་བོ་ཕྱིར་བླངས་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ས་ཁུལ་དེར་དམག་ཤུགས་བཀོད་སྒྲིག་བྱས་ཡོད་ཟེར།

སུའུ་ཏན་གླེང་སྟེགས་ཚགས་པར་གྱིས་ཚེས8ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉེ་སྔོན་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་ལག་ནས་ཁཱ་ཐུའུ་མུའུ་བྱང་ངོས་ཀྱི་ཧཱ་ལེ་ཧྥ་ཡེ་དང་ཁཱ་ཏི་ལུའུ་སོགས་ས་ཁོངས་ཡང་བསྐྱར་འཕྲོག་ལེན་བྱས། སུའུ་ཏན་དྲག་ཆས་དམག་དཔུང་གིས་དམག་དོན་འགུལ་སྐྱོད་དེ་སིན་ནཱ་ཨར་མངའ་སྡེ་དང་ཅེ་ཅི་ལཱ་མངའ་སྡེ། ཏཱ་ཨར་ཧྥུའུ་ཨར་མངའ་སྡེ་བཅས་སུ་རྒྱ་བསྐྱེད་བྱས་ཡོད།

སུའུ་ཏན་ཉེན་རྟོག་ཕྱོགས་ཀྱིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། ཁཱ་ཐུའུ་མུའུ་མངའ་སྡེའི་ཉེན་རྟོག་ཅུའུ་ཡིས་ཁཱ་ཐུའུ་མུའུ་བྱང་ངོས་ཀྱི་ས་གནས་ཉེན་རྟོག་པས་མྱུར་མོར་བྱ་བ་སླར་གསོ་བྱེད་པ་དང་། སྲུང་སྐྱོབ་ས་ཁུལ་དུ་དམག་ཤུགས་བཀོད་སྒྲིག་བྱས་ནས་འཐབ་འཁྲུག་གི་ཤུལ་དངོས་གཙང་སེལ་བྱེད་པར་མཛུབ་སྟོན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།