ཨེ་ཅིབ་ཀྱི་འབྲེལ་ཡོད་མི་སྣས་ཚེས8ཉིན་གསར་འགོད་པར་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འཐུས་ཚབ་ཚོགས་པ་ཁེ་རོ་རུ་འབྱོར་བ་དང་། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧིའི་འཐུས་མི་དང་མཉམ་དུ་ཞི་མཐུན་དང་ཅཱ་ཧྲ་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།
འབྲེལ་ཡོད་མི་སྣ་དེ་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པར་མཐོ་རིམ་དཔོན་པོ་ཧཱ་ལེ་ལེ་ཧཱ་ཡཱ་ཡིས་སྣེ་ཁྲིད་ཡོད་པ་དང་། གྲོས་མོལ་དེ་ཨེ་ཅིབ་ཀྱི་མགོ་འཛིན་འོག་སྤེལ་རྒྱུ་ཡིན་ལ། དམིགས་ཡུལ་ནི་ཧཱ་མཱ་སི་དང་ཧྥ་ཐཱ་ཧི་ཞེས་པའི་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་ཆེན་མོ་དེ་གཉིས་བར་གྱི་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རེད། གྲོས་མོལ་གྱི་གྲོས་གཞི་གཙོ་བོར་ཅཱ་ཧྲ་ས་ཁུལ་གྱི་མིག་སྔའི་གནས་བབ་དང་ཅཱ་ཧྲ་ས་ཁུལ་དང་ཨེ་ཅིབ་བར་གྱི་ལཱ་ཧྥ་རྒྱུ་ལམ་གྱི་མ་འོངས་པ་སོགས་འདུས། དབྱི་སི་རལ་གྱིས་མིག་སྔར་ལཱ་ཧྥ་རྒྱུ་ལམ་གྱི་ཅཱ་ཧྲའི་ཕྱོགས་ཚོད་འཛིན་བྱེད་བཞིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།