མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས9ཉིན་ཁྱབ་བསྒྲགས་བྱས་དོན། དབྱིན་ཇི་ནས་ཡོང་བའི་ཧྥོ་ལའེ་ཁྲུ་ཡིས་ཀི་ལི་ཧྥེ་སི་ཡི་ཚབ་ཏུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པའམ་བྲེལ་མྱུར་རྒུད་སྐྱོབ་ཀྱི་མཐུན་སྦྱོར་བའི་འགན་ཁུར་ཟེར།
ཧྥོ་ལའེ་ཁྲུ་ནི1975ལོར་སྐྱེས་པ་དང་། མིག་སྔར་ཉིག་ཅིན་སློབ་ཆེན་གྱི་ཧི་ཐི་ཧྥུའུ་ཏི་སློབ་གླིང་གི་ཡོན་ཀྲང་དང་ཉིག་ཅིན་སློབ་ཆེན་སློབ་གླིང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་ཡོད། སྔོན་ཆད་ལེ་པཱ་ནུན་དུ་སྡོད་པའི་དབྱིན་ཇིའི་གཞུང་ཚབ་ཆེན་མོ་དང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་ཕྱི་འབྲེལ་དང་འཕེལ་རྒྱས་སྲིད་ཇུས་ཀྱི་བློ་འདོན་པ་སོགས་ཀྱི་འགན་ཁུར་མྱོང་།
ཀི་ལི་ཧྥེ་སི་ཡིས་ད་ལོའི་ཟླ3པར་ཁྱབ་བསྒྲགས་བྱས་དོན། ཁོས་བདེ་ཐང་དབང་གིས་ཟླ6པར་ལས་འགན་བསྐྱུར་རྒྱུ་ཡིན་ཟེར། ཀི་ལི་ཧྥེ་སི་ཡིས་ལས་འགན་བསྐྱུར་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པའམ་བྲེལ་མྱུར་རྒུད་སྐྱོབ་ཀྱི་མཐུན་སྦྱོར་པ་གཞོན་པ་ཆའོ་དབྱེ་སི་མུའུ་སུའུ་ཡཱ་ཡིས་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཚབ་མའམ་བྲེལ་མྱུར་རྒུད་སྐྱོབ་ཀྱི་མཐུན་སྦྱོར་པའི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།