ཨེ་ཅིབ་ཤར་ཕྱོགས་ཞིང་ཆེན་ནས་དངོས་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི8རྐྱེན་ལམ་དུ་ཤོར།
2024.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཨེ་ཅིབ་ཀྱི་བྱང་ཤར་ས་ཁུལ་དུ་ཚེས9ཉིན་དངོས་སྐྱེལ་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི8རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ནེ་ལོ་གཙང་བོའི་ཟུར་གསུམ་གླིང་གི་ཤར་ཕྱོགས་ཞིང་ཆེན་གྱི་པུས་ལེ་པེད་སི་ས་ཁུལ་གྱི་གཞུང་ལམ་ཞིག་གི་སྟེང་བྱུང་བ་དང་། འདས་པོའི་བེམ་པོ་དང་རྨས་མ་དག་པུས་ལེ་པེད་སིའི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

གཞན་ཡང་ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དངོས་སྐྱེལ་རླངས་འཁོར་གཅིག་གི་ཁ་ལོ་བ་ཉིན་དེར་འཛིན་བཟུང་བྱས་ཡོད་ཟེར།

མྱུར་ཚད་ལས་བརྒལ་བ་དང་གཞུང་ལམ་མི་བདེ་བ། འགྲིམ་འགྲུལ་སྒྲིག་སྲོལ་ནན་མོ་མིན་པ་བཅས་ཀྱི་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་ལས་ལོ་རེར་མི་སྟོང་ཕྲག་འགའི་ཚེ་སྲོག་འཕྲོག་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ་ཨེ་ཅིབ་སྲིད་གཞུང་གིས་ནམ་རྒྱུན་གཞུང་ལམ་ལེགས་བསྒྱུར་བྱེད་བཞིན་ཡོད་པར་མ་ཟད། གཞུང་ལམ་དང་ཟམ་པ་མང་བོ་གསར་དུ་ལས་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།