ཨ་མེ་རི་ཁའི་གསེར་གཏེར་ཞིག་ཏུ་དོན་རྐྱེན་བྱུང་ནས་གནས་སྐོར་བ10ལྷག་གཏེར་ཁྲོན་དུ་ཁགས།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨ་མེ་རི་ཁའི་ཁི་ལོ་ལཱ་ཏའོ་མངའ་སྡེའི་གནས་སྐོར་མཛེས་ལྗོངས་ཤིག་གི་གསེར་གཏེར་དུ་ཚེས10ཉིན་དོན་རྐྱེན་བྱུང་སྟེ། གནས་སྐོར་བ10ལྷག་གཏིང་ཚད་ལ་སྨིད300ཡོད་པའི་གཏེར་ཁྲོན་དུ་ཁགས། ས་དེའི་འཕྲལ་སྒྲུབ་སྡེ་ཁག་གིས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཁི་ལོ་ལཱ་ཏའོ་མངའ་སྡེའི་ཁི་ལི་ཕུའུ་ཨར་ཁི་ལི་ཁི་ཉེ་འདབས་ཀྱི་མའོ་ལའེ་ཁའེ་སི་ལིན་གསེར་གཏེར་ནས་བྱུང་། གསེར་གཏེར་དེ་སྔ་མོ་ནས་སྔོག་འདོན་བྱེད་མཚམས་བཞག་ཡོད་པ་དང་། ད་ལྟ་གནས་སྐོར་བྱེད་སར་གསར་སྤེལ་བྱས་ཡོད་ལ། གནས་སྐོར་བ་དག་ས་འོག་ཏུ་སོང་ནས་ཉམས་ལེན་བྱས་ཆོག་པ་ཡིན་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ས་དེའི་ཉིན་གུང་གི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ་ཉེན་བརྡ་འབྱོར་བ་དང་། དོན་རྐྱེན་དེ་ནི་སྒྲིག་ཆས་ཀྱི་ཆག་སྐྱོན་དབང་གིས་བྱུང་བ་ཡིན་པ་ལས་གཏེར་ཁྲོན་ལ་རྡིབས་སྐྱོན་བྱུང་མེད། རྒུད་སྐྱོབ་མི་སྣ་དག་གིས་མི11བསྐྱབས་པ་དང་། སྔར་བཞིན་མི10ལྷག་གཏེར་ཁྲོན་དུ་ཁགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།