དབྱི་སི་རལ་གྱིས་པེ་རུ་ཐིའི་གྲོང་ཁུལ་དུ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ལེ་པཱ་ནུན་གྱི་སྤྱི་བའི་འཕྲོད་བསྟེན་བྲེལ་མྱུར་འགུལ་སྐྱོད་ལྟེ་གནས་ཀྱིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་གྲོང་ཁྱེར་ཁུལ་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར་བ་དང་། མི92ལ་རྨས་ཕོག་ཡོད་ཟེར།

ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དེ་སྔ་གཞུག་ཐེངས་གཉིས་ལ་སྤེལ་བ་དང་། ཐེངས་དང་པོའི་འཇབ་རྒོལ་གྱི་དམིགས་འབེན་ནི་བརྩེགས་རིམ་བརྒྱད་ཅན་གྱི་ཐོག་ཁང་ཞིག་ཡིན་པ་དང་། ཐེངས་གཉིས་པའི་འཇབ་རྒོལ་གྱི་དམིགས་འབེན་ནི་བརྩེགས་རིམ་བཞི་ཅན་གྱི་ཐོག་ཁང་ཞིག་རེད། ཐོག་ཁང་དེ་ཡོངས་སུ་རྡིབས་ཡོད་ལ། ས་དེའི་མེ་གསོད་མི་སྣས་འཇབ་རྒོལ་ལས་བྱུང་བའི་མེ་སྐྱོན་ཐག་གཅོད་དང་སྡོད་དམངས་གནས་གཞན་དུ་སྐྱེལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།