ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་པེ་རུ་ཐིའི་ལྐོག་གསོད་འགུལ་སྐྱོད་ལ་ཕམ་ཉེས་བྱུང་ཡོད་པའི་ཚུལ་བསྟན།
2024.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་ལམ་སྟོན་གློག་སྒྲོན་བརྙན་འཕྲིན་ཁང་གིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གི་བཀོད་འདོམ་པུའུ་ཡི་འབྲེལ་ཡོད་མི་སྣས་དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་ཀྲིན་ཀྲུའུ་ཏང་གི་འབྲེལ་གཏུགས་དང་མཐུན་སྦྱོར་སྡེ་ཁག་གི་འགན་ཁུར་བ་སཱ་ཧྥ་ལ་དམིགས་པའི་ལྐོག་གསོད་འགུལ་སྐྱོད་ལ་ཕམ་ཉེས་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།