ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། འཇར་པན་གྱིས་ད་ལོའི་སྟོན་ཁར་ཨུ་རུ་སིའི་མཐའ་མཚམས་དང་ཉེ་བའི་ས་ཁུལ་ནས་ཨ་མེ་རི་ཁ་དང་མཉམ་དུ་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ཡོད་པའི་ཐད་ནས་ཨུ་རུ་སིར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་ལ་ངོ་རྒོལ་དྲག་པོ་བྱས།
གསལ་སྒྲོག་ལས་བཤད་རྒྱུར། འཇར་པན་གྱིས་ཟླ10བའི་ཟླ་མཇུག་ནས་ཟླ11པའི་ཟླ་མགོའི་བར་འཇར་པན་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། དམག་དོན་སྦྱོང་བརྡར་སྤེལ་ས་ནི་ཨུ་རུ་སིའི་རྒྱལ་མཚམས་དང་ཉེ་བའི་པེ་ཧེ་ཏའོ་ས་ཁུལ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེ་ནི་དངོས་གནས་དང་ལེན་བྱེད་དཀའ་བ་ཞིག་རེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སིར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་ལ་ཉེན་བརྡ་བཏང་སྟེ། དགོས་ངེས་ཀྱི་རྒོལ་ལན་སྤྲོད་པའི་བྱེད་ཐབས་སྤྱད་ནས་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་རྒྱུ་མ་ཟད་ཨུ་རུ་སིའི་བདག་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།