ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ལྷོ་ཕྱོགས་ཀྱི་མེན་ཡཱ་ཞིང་ཆེན་དུ་ཉིན་དེར་མེ་འཁོར་ཐོབ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། འགྲུལ་བ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། འགྲུལ་བ21ལ་རྨས་ཕོག
གསལ་སྒྲོག་ལས་བཤད་རྒྱུར། རྨས་ཕོག་པའི་མི19ཡིས་གསོ་བཅོས་དང་ལེན་བྱས་རྗེས་སྨན་ཁང་ནས་བུད་པ་དང་། གཞན་ཡང་མི་གཉིས་སྨན་ཁང་དུ་བསྡད་ཡོད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།
གཞན་ཡང་ཨེ་ཅིབ་དཔོན་རིགས་ཀྱི་གཏོར་གཟུགས་མཆོད་རྟེན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།
མེན་ཡཱ་ཞིང་ཆེན་གྱི་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དོན་རྐྱེན་དེ་ལས་ལྕགས་ལམ་འགྲིམ་འགྲུལ་ལ་གནོད་པ་ཐེབས་པ་དང་དུས་ཚོད་འགའི་རྗེས་སུ་སླར་གསོ་བྱུང་ཡོད་ཟེར།
ཨེ་ཅིབ་ལྕགས་ལམ་ཅུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མེ་འཁོར་གྱི་འཁོར་མགོ་ཞིག་ཉིན་དེར་ཨ་སི་ཝང་ནས་ཁེ་རོ་རུ་བགྲོད་པའི་མེ་འཁོར་གྱི་མཇུག་སྣེ་ལ་ཐོ་བརྒྱབ་སྟེ། འཁོར་མགོ་དང་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྒམ་གཅིག་ཉེ་འདབས་ཀྱི་ཆུ་རྐའི་ནང་ལྷུང་བ་རེད་ཟེར། ཨེ་ཅིབ་ཀྱི་འགྲིམ་འགྲུལ་པུའུ་ཀྲང་ཝ་ཆི་ཨར་གྱིས་ཨུ་ཡོན་ལྷན་ཁང་བཙུགས་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལམ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།