ཨེ་ཅིབ་བྱང་ཤར་ས་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་ལོག་པའི་དོན་རྐྱེན་བྱུང་ནས་མི12རྐྱེན་ལམ་དུ་ཤོར།
2024.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨེ་ཅིབ་འཕྲོད་བསྟེན་དང་མི་གྲངས་པུའུ་ཡིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། སྤྱི་སྤྱོད་རླངས་འཁོར་ཞིག་ཉིན་དེར་ཨེ་ཅིབ་བྱང་ཤར་ཕྱོགས་ཀྱི་སུའུ་དབྱེ་ཧྲི་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་ལོག་སྟེ། མི12རྐྱེན་ལམ་དུ་ཤོར་བ་དང་མི33ལ་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་དེ་སུའུ་དབྱེ་ཧྲི་ཞིང་ཆེན་གྱི་ཅེ་ལཱ་ལའེ་ནས་སུའུ་ཧི་ནཱ་ཆོན་བར་གྱི་གཞུང་ལམ་སྟེང་བྱུང་བ་རེད། མྱུར་སྐྱོབ་རླངས་འཁོར28ཡུལ་དངོས་སུ་མངག་གཏོང་བྱས་ཡོད་པ་དང་། རྨས་མ་དག་སུའུ་དབྱེ་ཧྲི་གྲོང་ཁྱེར་གྱི་ཕྱོགས་བསྡུས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

གཞན་ཡང་ཨེ་ཅིབ་དཔོན་ཕྱོགས་ཀྱི་གཏོར་གཟུགས་མཆོད་རྟེན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། འདས་པོའི་གྲས་སུ་སློབ་མ7ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།