དབྱི་ལིང་དང་ཨ་སེ་པེད་ཅིང་གིས་ས་ཁུལ་གྱི་མཉམ་ལས་ལ་བརྟེན་ནས་ས་ཁུལ་རང་གི་གནད་དོན་ཐག་གཅོད་བྱེད་དགགོས་པའི་ཚུལ་བསྟན།
2024.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་ལིང་དང་ཨ་སེ་པེད་ཅང་གིས་ཚེས14ཉིན་བསྟན་དོན། ངེས་པར་དུ་ས་ཁུལ་རང་གི་རྒྱལ་ཁབ་བར་གྱི་མཉམ་ལས་དང་གྲོས་མོལ་ལ་བརྟེན་ནས་ས་ཁུལ་དེའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་གིས་ཉིན་དེར་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཨ་སེ་པེད་ཅང་གི་ཙུང་ལི་གཞོན་པ་མུའུ་སི་ཐཱ་ཧྥ་ཡེ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་རྒྱལ་ཁབ་གཞན་པ་དག་ས་ཁུལ་དེར་གནས་པ་དེ་ས་ཁུལ་དེའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམ་པར་མི་འདོད་པ་དང་། ས་ཁུལ་རང་གི་རྒྱལ་ཁབ་དག་གིས་ཕན་ཚུན་མཉམ་ལས་བྱས་ཏེ་ས་གནས་རང་གི་གནད་དོན་ཐག་གཅོད་བྱས་ནས་བདེ་འཇགས་ལ་འགན་སྲུང་བྱས་ཆོག་ཟེར།

མུའུ་སི་ཐཱ་ཧྥ་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེད་ཅང་ཕྱོགས་ཀྱིས་བལྟས་ན་ས་ཁུལ་གྱི་གནད་དོན་དེ་ས་གནས་རང་གི་རྒྱལ་ཁབ་བར་གྱི་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་འདོད་ཡོད་ཟེར།

མུའུ་སི་ཐཱ་ཧྥ་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེད་ཅང་གིས་དབྱི་ལིང་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། དབྱི་ལིང་བར་གྱི་དཔལ་འབྱོར་དང་ཉོ་ཚོང་། ནུས་ཁུངས། རིག་གནས། འགྲིམ་འགྲུལ། བདེ་འཇགས། རྒྱལ་སྲུང་སོགས་ཁྱབ་ཁོངས་ཀྱི་འབྲེལ་བ་རྒྱ་བསྐྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།