འཁྱག་གླིང་ཙུང་ཐུང་གིས་གྲོས་ཁང་གཏོར་བར་ཆོག་མཆན་བཀོད།
2024.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

འཁྱག་གླིང་གི་ཙུང་ཐུང་ཐའོ་མཱ་སི་ཏའོ་ཏིས་ཨར་གྱིས་ཚེས15ཉིན་གྲོས་ཁང་གཏོར་བར་ཆོག་མཆན་བཀོད་པར་མ་ཟད་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ11པའི་ཚེས30ཉིན་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།

ཐའོ་མཱ་སི་ཏའོ་ཏིས་ཨར་གྱིསི་ཉིན་དེར་ཙུང་ལི་པེ་ནེ་ཏིས་ཁི་སུང་ལ་ཐུག་འཕྲད་བྱས་རྗེས་ཆོད་དོན་དེ་བཏོན་པ་རེད། ཐའོ་མཱ་སི་ཏའོ་ཏིས་ཨར་གྱིས་བསྟན་དོན། ཁོ་མོས་སྲིད་འཛིན་མནའ་འབྲེལ་གྱི་མགོ་ཁྲིད་པ་དང་སྲིད་ཏང་གཞན་པའི་མགོ་ཁྲིད་པ། གྲོས་དཔོན་བཅས་ལ་གྲོས་བསྡུར་བྱས་པ་དང་། སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་ནི་རྒྱལ་ཁབ་ཀྱི་ཆེས་ལེགས་པའི་གདམ་གསེས་ཡིན་པ་འདོད་ཡོད་ཟེར།

ཉིན་དེར་པེ་ནེ་ཏིས་ཁི་སུང་གིས་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་དེ་ཙུང་ཐུང་གི་ཆོག་མཆན་ཐོབ། པེ་ནེ་ཏིས་ཁི་སུང་ནི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཡིན་པའི་ཆ་ནས་སྲིད་གཞུང་གསར་བ་བདམས་ཐོན་འབྱུང་རག་བར་འགན་ཁུར་དགོས།

པེ་ནེ་ཏིས་ཁི་སུང་གིས་ཚེས13ཉིན་སྲིད་འཛིན་མནའ་འབྲེལ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཟླ11པའི་ཚེས30ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུའི་གྲོས་གཞི་བཏོན་པ་རེད། ཁོས་བཤད་རྒྱུར། སྲིད་འཛིན་མནའ་འབྲེལ་ནང་ཁུལ་དུ་གནས་སྤོར་སྡོད་དམངས་དང་ནུས་ཁུངས་སྲིད་ཇུས་སོགས་ཀྱི་གནད་དོན་ཐད་འགལ་བ་ཚབས་ཆེན་གནས་ཡོད་ལ། སྲིད་གཞུང་མནའ་འབྲེལ་གྱིས་མུ་མཐུད་དུ་བྱ་བ་བསྒྲུབ་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།