དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་གིས་དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་འདྲིས་ཐབས་ལམ་སྔར་བཞིན་རྒྱ་ཆེ་བའི་ཚུལ་བསྟན།
2024.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས16ཉིན་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་འདྲིས་ཐབས་ལམ་སྔར་བཞིན་རྒྱ་ཆེ་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅོར་ཏན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་ལཱ་ཀི་ཆི་ཡིས་སྨྱན་བྱད་ལ་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་བརྡ་འཕྲིན་བརྗེ་རེས་དེ་གོ་ལོག་སེལ་བ་དང་ནོར་འཆུག་འབྱུང་བའི་ཉེན་ཁ་སྔོན་འགོག་བྱེད་པར་གལ་འགངས་ཧ་ཅང་ཆེ། དབྱི་ལིང་དང་ཨ་མེ་རི་ཁའི་འབྲེལ་འདྲིས་ཐབས་ལམ་ད་ལྟའི་བར་གནས་པ་དང་མུ་མཐུད་དུ་སྒོ་འབྱེད་བྱེད་ངེས་ཡིན་ཟེར།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། ཏི་ཧེ་ལན་དུ་སྡོད་པའི་སུའེ་ཙེར་གྱི་གཞུང་ཚབ་ཁང་ནི་དབྱི་ལིང་དང་ཨ་མེ་རི་ཁས་བརྡ་འཕྲིན་བརྗེ་སྤོར་བྱེད་སའི་དཔོན་ཕྱོགས་ཀྱི་ཐབས་ལམ་ཡིན། གལ་ཏེ་དགོས་མཁོ་ཡོད་ན། ང་ཚོས་ཐབས་ལམ་དེ་བེད་སྤྱོད་བྱེད་ངེས་ཡིན་ཟེར།

ཨ་ལཱ་ཀི་ཆི་ཡིས་ཚེས14ཉིན་བསྟན་དོན། ཨ་མན་གྱིས་བར་འདུམ་བྱེད་པའི་དབྱི་ལིང་དང་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་སོགས་ཀྱི་ཐད་ནས་སྤེལ་བའི་བརྒྱུད་པའི་གྲོས་མོལ་དེ་མཚམས་བཞག་ཡོད་ལ། མིག་སྔའི་ས་ཁུལ་གྱི་གནས་བབ་འོག་དབྱི་ལིང་གིས་གྲོས་མོལ་བྱེད་པའི་རྨང་གཞི་མཐོང་མི་ཐུབ་པས་ཡིན་ཟེར།

ཨ་ལཱ་ཀི་ཆི་ཚེས16ཉིན་ཅོར་ཏན་དུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་གཉིས་དང་གྲོས་མོལ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།