ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་སྐོར་ཐེངས་གསར་བའི་བཟུང་དམག་བརྗེ་སྤོར་བྱ་བར་སྐུལ་འདེད་བཏང་།
2024.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་སྐོར་ཐེངས་གསར་བའི་བཟུང་དམག་བརྗེ་སྤོར་བྱ་བར་བདེ་བླག་ངང་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་ཀྱིས་སོ་སོར་བཟུང་དམག95བརྗེ་སྤོར་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། ཕྱི་འབྲེལ་དང་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་འགུལ་སྐྱོད་གང་རུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

གཞན་ཡང་ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གིས་ཚེས18ཉིན་སྤེལ་བའི་རྒྱལ་སྲུང་པུའུ་ཡི་གནས་ཚུལ་ལྟར་ན། གྲོས་མོལ་བྱས་པ་བརྒྱུད། ཨུ་རུ་སིའི་དམག་མི95ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་ཕྱིར་ལོག་པ་དང་། དེའི་བརྗེ་སྤོར་གྱི་ཆ་རྐྱེན་དུ་ཝུའུ་ཁི་ལན་གྱི་བཟུང་དམག95ཝུའུ་ཁི་ལན་ཕྱོགས་ལ་སྤྲད་ཡོད་པ་རེད། མིག་སྔར་ཐེངས་འདིའི་ཨུ་རུ་སིའི་དམག་དཔུང་གི་ཕྱིར་བཏང་བའི་མི་སྣ་དག་གིས་ཨུ་རུ་སི་དཀར་པོར་དགོས་ངེས་ཀྱི་སེམས་ཁམས་དང་སྨན་བཅོས་རོགས་སྐྱོར་དང་ལེན་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།