དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། དྲག་ཆས་མི་སྣ་གཉིས་ཉིན་དེའི་སྔ་དྲོར་ཅོར་ཏན་ནས་རྒྱལ་མཚམས་བརྒལ་ཏེ་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་བ་དང་། དབྱི་སི་རལ་གྱི་དམག་དཔུང་ལ་མེ་མདས་བརྒྱབ། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་མི་དེ་གཉིས་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི་གཉིས་ལ་འཁྲུག་རྩོད་བྱེད་སྐབས་རྨས་ཕོག་ཡོད། ས་ཁུལ་དེར་དྲག་ཆས་མི་སྣ་གཞན་པ་ཡོད་པར་དོགས་པ་སྐྱེས་ནས། དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་གིས་ས་ཁུལ་དེའི་འབྲེལ་ཡོད་གཞུང་ལམ་བཀག་སྡོམ་བྱས་ནས། མུ་མཐུད་དུ་ས་ཁུལ་དེར་སྔོག་བཤེར་བྱེད་བཞིན་ཡོད་ཟེར།
གཞན་ཡང་བསྒྲགས་པ་ལྟར་ན། མུའུ་སི་ལིན་གྱི་སྤུན་ཟླའི་ཚོགས་པའི་ཅོར་ཏན་གྱི་མགྲིན་ཚབ་པས་བཤད་རྒྱུར། འཇབ་རྒོལ་མཁན་དེ་གཉིས་ནི་རྩ་འཛུགས་དེའི་ཁོངས་མི་ཡིན་པ་དང་། ནམ་རྒྱུན་ཅཱ་ཧྲ་ལ་རོགས་སྐྱོར་དང་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ནང་ཞུགས་བཞིན་ཡོད་ཟེར།
སྨྱན་བྱད་ཀྱིས་སྤེལ་བའི་ཡུལ་དངོས་ཀྱི་པར་རིས་ལས་མངོན་པ་ལྟར་ན། དྲག་ཆས་མི་སྣ་དེ་གཉིས་ཀྱིས་ཅོར་ཏན་དམག་དཔུང་གི་དམག་ལྭ་དང་འདྲ་བའི་གྱོན་ཆས་གོན་ཡོད་པ་རེད། དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཐོག་མའི་བརྡར་གཅོད་ལྟར་ན་མི་དེ་གཉིས་ཅོར་ཏན་གྱི་དམག་མི་མ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།