གསེར་གྱོམ་རྒྱལ་ཁབ་ཀྱི་ཁཱ་ཧྲན་སྨྱན་བྱད་གྲོས་མོལ་ཚོགས་འདུ་བསྡུས།
2024.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ10བའི་ཚེས23ཉིན། ཀྲུང་གོའི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་ཨུ་རུ་སིའི་རྒྱལ་ཡོངས་བརྙན་འཕྲིན་རྒྱང་སྒྲོག་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ་གཙོ་སྒྲུབ་བྱས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཁཱ་ཧྲན་སྨྱན་བྱད་གྲོས་མོལ་ཚོགས་འདུ་སྤེལ།

ཐེངས་འདིའི་གྲོས་མོལ་ཚོགས་འདུས་བརྗེ་རེས་དཔེར་ལེན་དང་ལས་དབང་གཅིག་མཐུན་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྲིད་གཞུང་དཔོན་རིགས་དང་། སྨྱན་བྱད་ལས་ཁུངས་ཀྱི་འགན་ཁུར་བས་གསེར་གྱོམ་རྒྱལ་ཁབ་ཀྱི་དེང་རབས་གཏམ་རྒྱུད་བཟང་བོར་བརྗོད་པ་དང་། འཛམ་གླིང་ཡོངས་ལ་ཕྱོགས་ཡོངས་དང་དངོས་ཡོད་དང་མཐུན་ལ། དྲང་བདེན་གྱི་གསར་འགྱུར་གནས་ཚུལ་སོགས་དྲིལ་སྒྲོག་བྱེད་པའི་ནང་དོན་ཐད་ནས་བརྗེ་རེས་བྱས།

ཀྲུང་གོག་དང་ཨུ་རུ་སི། པཱ་ཞི། ཨ་ཧྥེ་རི་ཁ་ལྷོ་མ། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱི་ལིང་། ཨུ་རུ་སི་དཀར་པོ་བཅས་ཀྱི་སྨྱན་བྱད་ཀྱི་འགན་ཁུར་བ་དང་། སྲིད་གཞུང་ལས་ཁུངས་ཀྱི་འཐུས་མི། དེ་མིན་མཐོ་རིམ་སློབ་གྲྭའི་རིག་མཛོད་མི་སྣ་སོགས་གྲོས་མོལ་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།