ཏིས་པེད་གླེང་སྟེགས་སྐབས་དང་པོ་ཚེས23ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་སྤེལ། ཀྲུང་གོའི་སྤྱི་བའི་ཕྱི་འབྲེལ་མཐུན་ཚོགས་ཚོགས་ཚོགས་གཙོ་ཝུའུ་ཧེ་ལུང་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཡེ་མེན། ཏིས་པེད་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་དཔོན་པོ་ཨིག་པའོ་ཆན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔལ་འབྱོར་པུའུ་ཀྲང་གཞོན་པ་སཱ་ལེ་ཧི། ཏིས་པེད་ཚོང་ཚོགས་ཀྱི་ཙུང་ཚེའམ་དབུ་བཞུགས་ལག་བསྟར་དཔོན་པོ་ལུའུ་ཐཱ་སོགས་ཀྲུང་ཕྱིའི་སྐུ་མགྲོན་མི1500ལྷག་བྱ་འགུལ་ལ་ཞུགས།
ཝུའུ་ཧེ་ལུང་གིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སྒེར་ཚུགས་རང་བདག་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པའི་ཐད་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་བཞིན་ཡོད་པ་དང་། མི་རིགས་དར་རྒྱས་དང་མི་དམངས་བདེ་སྐྱིད་མངོན་འགྱུར་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་རྡོ་ཇེ་བརྟན་དུ་གཏོང་བའི་བགྲོད་ལམ་སྟེང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་བྱ་བར་རམ་འདེགས་བྱེད་བཞིན་ཡོད་ལ། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པ། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་བརྒྱུད་རིམ་ཁྲོད། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་མང་བོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀུན་གྱི་དཔེ་སྟོན་ལྟ་བུར་གྱུར་ཡོད་ཟེར།
ཀྲང་ཡེ་མེན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་བོ་ཡིན་པར་མ་ཟད། ཕན་ཚུན་རེ་ལྟོས་དང་རོགས་རེས་བྱེད་པའི་སྤུན་ཟླ་བཟང་བོ་ཡིན། ཀྲུང་གོ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉོ་ཚོང་གྲོགས་པོ་ཆེས་ཆེན་པོ་ཡིན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་ཨ་རབ་ས་ཁུལ་གྱི་རྡོ་སྣུམ་མ་ཡིན་པའི་ཉོ་ཚོང་གྲོགས་པོ་དང་པོ་ཡིན། ཐུན་མོང་གི་རིན་ཐང་ལྟ་བ་དང་གཅིག་མཚུངས་ཀྱི་འཕེལ་རྒྱས་འགན་འཁྲི། བློ་སེམས་མཐུན་པའི་དམངས་ཁྲོད་ཀྱི་མཛའ་མཐུན་འབྲེལ་བས་རྒྱལ་ཁབ་གཉིས་དམ་དུ་སྦྲེལ་ཡོད་ཟེར།
ཨིག་པའོ་ཆན་གྱིས་གསར་འགོད་པར་བཤད་རྒྱུར། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་སྒོ་འབྱེད་དཀྱེལ་ཡངས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པ་རྒྱུན་འཁྱོངས་བྱེད་ཅིང་། གསར་གཏོད་དང་ལྷད་མེད་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་ལག་རྡང་སྦྲེལ་ནས་སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་རིམ་པ་བརྒྱུད་ཡོད། ཏིས་པེད་གླེང་སྟེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣར་མཛའ་མཐུན་མཉམ་གླེང་དང་འཕེལ་རྒྱས་ལ་མཉམ་ཇུས་བཏོན་ནས་འབྲེལ་ཟམ་བཙུགས་ཏེ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར།
སཱ་ལེ་ཧི་ཡིས་བསྟན་དོན། ད་ལོ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ40འགོར་བའི་ལོ་ཡིན་པ་དང་། འདས་པའི་ལོ40རིང་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཁྱབ་ཁོངས་སོ་སོ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། མ་འོངས་པར་རྒྱང་བལྟ་བྱས་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། མི་གཞུང་། སློབ་གསོ། གསར་གཏོད་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་དར་རྒྱས་ཀྱི་མ་འོངས་པ་གསར་བསྐྲུན་བྱེད་འདོད་ཡོད་ཟེར།
ལུའུ་ཐཱ་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་ཨ་རབ་ས་ཁུལ་གྱི་ཆེས་ཆེ་བའི་ཕྱིར་གཏོང་ཚོང་ར་དང་ཆེས་ཆེ་བའི་དངུལ་གཏོང་བྱ་ཡུལ་ཡིན། ཏིས་པེད་ཚོང་ཚོགས་ཀྱིས་ཀྲུང་གོའི་བར་གྱི་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
སྐབས་འདིའི་ཏིས་པེད་གླེང་སྟེགས་ནི་ཏིས་པེད་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་དང་ཀྲུང་གོའི་སྤྱི་བའི་ཕྱི་འབྲེལ་མཐུན་ཚོགས། ཏིས་པེད་སྲིད་གཞུང་གི་སྨྱན་བྱད་གཞུང་སྒྲུབ་ཁང་། ཏིས་པེད་ཚོང་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཡིན་ལ། ལོ་ངོ་བཞི་བཅུར་ལག་རྡང་སྦྲེལ་ནས་འཕེལ་རྒྱས་གསར་བར་མཉམ་དུ་ཇུས་གཞི་བཏོན་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མི་གཞུང་བརྗེ་རེས་ཐད་སྤྱི་བའི་སྟེགས་བུ་འཛུགས་པར་སྐུལ་འདེད་གཏོང་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།