དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དམག་ཕྱོགས་ཀྱིས་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན9བསད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་དམག་དཔུང་གིས་ཨན་པཱ་ཨར་ཞིང་ཆེན་བྱང་ངོས་ཀྱི་བྱེ་མའི་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན9བསད་པར་མ་ཟད། མཚོན་ཆ་དང་མདེལ་རྫས། མཁོ་སྒྲུབ་དངོས་པོ་སོགས་ལ་གཏོར་བཤིག་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།