ཚེས24ཉིན། མོ་ཞི་ཁོའི《ཉིན་རེའི་ཚགས་པར》སྟེང་གནས་ཚུལ་སྤེལ་བ་ལྟར་ན། མོ་ཞི་ཁོའི་ལྷོ་རྒྱུད་ཀྱི་ཀི་ལའེ་ལའོ་མངའ་སྡེའི་ཉེས་གསོག་ཚོགས་པའི་བར་ཉིན་དེར་དམག་འཁྲུག་བྱུང་ནས་མ་མཐར་ཡང་མི7རྐྱེན་ལམ་དུ་ཤོར།
གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེའི་ཐོ་རེངས་དུས་ནས་བཟུང་ཀི་ལའེ་ལའོ་མངའ་སྡེའི་ཐི་ཁི་ཕན་གྲོང་ཁྱེར་དུ་ཉེས་གསོག་ཚོགས་པ་མི་འདྲ་བའི་བར་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་ཉེན་རྟོག་པ3དང་དྲག་ཆས་པ4རྐྱེན་ལམ་དུ་ཤོར་བར་མ་ཟད། མི་སེར་གཞན་སྐོར་ཞིག་ལའང་རྨས་ཕོག་ཡོད་པ་རེད།
ཀི་ལའེ་ལའོ་མངའ་སྡེའི་སྲིད་གཞུང་གིས་ཉིན་དེར་སྤྱི་བསྒྲགས་སྤེལ་ནས། མོ་ཞི་ཁོ་སྲིད་གཞུང་དང་ཀི་ལའེ་ལའོ་མངའ་སྡེའི་སྲིད་གཞུང་གི་དཔུང་སྡེ་ཡིས་ཉིན་དེར་ཐུན་མོང་བྱ་སྤྱོད་སྤེལ་ནས། མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་སྒྲིག་ལམ་སླར་གསོ་བྱས་ཡོད་པ་དང་། ཉིན་དེའི་སྔ་དྲོའི་བར་ས་གནས་དེའི་གནས་བབ་ལ་ཚོད་འཛིན་ཐུབ་ཡོད།
ཉེ་ཆར། ཀི་ལའེ་ལའོ་མངའ་སྡེའི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་གྱུར། ཟླ10བའི་ཚེས6ཉིན། མངའ་སྡེ་དེའི་ལྟེ་བའི་གྲོང་ཁྱེར་ཆིའར་ཕན་ཞིན་ཀི་གྲོང་ཁྱེར་གྱི་མགོ་གཙོ་ཡ་ལི་ཧང་ཏེ་ལུའོ·ཨ་ཁོའོ་སི་ལྐོག་གསོད་བྱས་པ་ར་སྤྲོད་བྱས་པ་དང་། ཁོས་གྲོང་ཁྱེར་གྱི་མགོ་གཙོའི་འགན་འཁུར་ནས་ད་དུང་གཟའ་འཁོར་གཅིག་ཀྱང་སོང་མེད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།