ཚེས26ཉིན།ཨོ་སི་ཁྲུ་ལི་ཡའི་ཞིས་ཉིའི་ལྷོ་ནུབ་རྒྱུད་ཀྱི་བར་སྣང་དུ་གནམ་གྲུ་ཡང་གྲས་གཉིས་རྡུང་ཐུག་བྱུང་ནས་མི3རྐྱེན་ལམ་དུ་ཤོར།
ཨོ་སི་ཁྲུ་ལི་ཡའི་ནན་ཝུའེ་ཨེར་ཧྲི་མངའ་སྡེ་གསར་པའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར།ཉིན་དེར་གནམ་གྲུ་ཡང་གྲས་གཉིས་རྡུང་ཐུག་བྱུང་ནས་སར་ལྷུང་བའི་སྙན་ཞུ་འབྱོར་ཞིང་། དེ་དང་བསྟུན་ནས་མྱུར་སྐྱོབ་མི་སྣ་རྣམས་ཞིས་ཉིའི་ལྷོ་ནུབ་རྒྱུད་ཀྱི་པེ་ལིན་པུའུ་ལ་སྤྱི་གླིང་གི་ཉེ་འགྲམ་གྱི་དོན་རྐྱེན་བྱུང་སར་ཐོན་དུས།དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་མི་གསུམ་རྐྱེན་ལམ་དུ་ཤོར་འདུག
གནས་ཚུལ་སྤེལ་བ་ལྟར་ན།རྡུང་ཐུག་བྱུང་བའི་གནམ་གྲུ་གཉིས་ལས་གནམ་གྲུ་གཅིག་རྡུང་ཐུག་བྱུང་བའི་གོ་རིམ་ཁྲོད་མེ་ལ་འབར་འདུག
ཨོ་སི་ཁྲུ་ལི་ཡའི་འགྲིམ་འགྲུལ་བདེ་འཇགས་ཅུའུ་ཡི་བརྟག་དཔྱད་མི་སྣས་བསྟན་དོན།དོན་རྐྱེན་བྱུང་ཡུལ་དུ་གནམ་གྲུའི་ཆག་རོར་ཞིབ་བཤེར་དང་ལྷུ་ལག་བསྡུ་རུབ་བྱས་ནས་དོན་རྐྱེན་བྱུང་བའི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།