ཚེས27ཉིན་པུར་ཀ་རི་ཡས་ད་ལོའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་ཐེངས་གཉིས་པ་སྤེལ་ཏེ། སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་ཉེར་བརྒྱད་དང་། འདེམ་སྒུག་པ་གཅིག་ཅན་བཅས་ཀྱི་གྲོས་ཁང་གི་གོ་གནས་ཉིས་བརྒྱ་བཞི་བཅུ་བརྩད།
ས་གནས་དེའི་དུས་ཚོད་བདུན་གྱི་སྟེང་འདེམ་ཤོག་འཕེན་འགོ་བརྩམས་པ་དང་དུས་ཚོད་བརྒྱད་བར་དུ་རྒྱུན་སྲིང་སྒོས་སྤེལ་ཞིང་། འདེམ་ཤོག་སྔོན་རྩིས་མཇུག་འབྲས་ཟླ10པའི་ཚེས31སྔོན་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད། པུར་ཀ་རི་ཡ་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། པུར་ཀ་རི་ཡའི་རྒྱལ་ཡོངས་སུ་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་གསུམ་བཙུགས་ཡོད་ཅིང་། ཕྱི་རྒྱལ་དུ་འདེམ་ཤོག་འཕེན་ས་བདུན་བརྒྱ་བཅུ་དགུ་བཙུགས་ཡོད།
པུར་ཀ་རི་ཡས་ད་ལོའི་ཟླ6པའི་ཚེས6ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་སྤེལ་ཡང་། ནང་བློན་སྒྲིག་འཛུགས་ཐོབ་ཐང་ཡོད་པའི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གྱིས་ནང་བློན་སྒྲིག་འཛུགས་བྱེད་མ་ཐུབ་པས། པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཟླ8ཚེས27ཉིན་ཙུང་ཐུང་བཀའ་རྒྱར་མིང་རྟགས་བཀོད་དེ། ཟླ10ཚེས27ཉིན་ཡང་བསྐྱར་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་སྤེལ་རྒྱུ་ཐག་བཅད་པ་རེད།
འདི་ནི་པུར་ཀ་རི་ཡའི2021ལོའི་ཟླ4པའི་ཚུན་དུ་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་ཐེངས་བདུན་པ་ཡིན་ཞིང་། པུར་ཀ་རི་ཡའི་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་ཅིང་། འདེམ་ཤོག་བརྒྱ་ཆའི་བཞི་ཡན་བརྒལ་བའི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གྲོས་ཁང་དུ་ཞུགས་ཆོག་པ་དང་། གྲོང་ཁང་གི་གྲོས་ཞུགས་གོ་གནས་ཕྱེད་གྲངས་ཡན་ཐོབ་པའི་སྲིད་ཏང་གིས་ནང་བློན་རྩ་འཛུགས་བྱས་ཆོག
རིག་འཛིན་སྒྲོལ་མས་བསྒྱུར།