ཟླ10ཚེས24ཉིན་ནས་ཚེས28ཉིན་བར། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝུའུ་ཡན་གྱིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ན་སྨི་པི་ཡ་རུ་འཚམས་འདྲི་བྱས་ཏེ། ན་སྨི་པི་ཡའི་རྩ་འཛུགས་ཏང་གི་ཀྲུའུ་ཞི་གཞོན་པ། ཙུང་ཐུང་གཞོན་པ་ཨིན་ཏའེ་ཐི་ཝ་དང་། ན་སྨི་པི་ཡའི་རྩ་འཛུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧྲ་ཉིང་ཝ། མཐོ་རིམ་སློབ་གསོ། ལག་རྩལ་དང་གསར་གཏོད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀི་ཨ་ཀི་སི་བཅས་ལ་ཐུག་འཕྲད་བྱས་པ་དང་། ཨེ་ལུང་ཀི་ཞིང་ཆེན་གྱི་གཞི་རིམ་རྩ་འཛུགས་དང་བཞུགས་མོལ་བརྗེ་རེས་བྱས་ཤིང་། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་ཀུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མཚམས་སྦྱོར་དྲིལ་སྒྲོག་བྱས། ན་སྨི་པི་ཡ་ཕྱོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཚད་མཐོ་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱས་ཏེ། ན་སྨི་པི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཡུན་བརྟན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།