ཚེས29ཉིན། འབར་མའི་མན་ཏི་ལི་ཞིང་ཆེན་གྱི་རོགས་སྐྱོབ་རྩ་འཛུགས་ཤིག་གིས་བཤད་རྒྱུར། ཚེས28ཉིན། འགྲུལ་སྐྱེལ་རླངས་འཁོར་ཞིག་ཧྲན་པང་གཡང་གཟར་དུ་ལྷུང་ནས་མི7རྐྱེན་ལམ་དུ་ཤོར་བ་དང་མི17ལ་རྨས་སྐྱོན་ཕོག་ཡོད་ཟེར།
རྩ་འཛུགས་དེའི་དཔོན་རིགས་ཤིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ས་དེའི་དུས་ཚོད་ཚེས28ཉིན་གྱི་སྔ་དྲོ་མི28དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཧྲན་པང་ཧའེ་ཧོ་གྲོང་རྡལ་ནས་མན་ཏི་ལི་ཞིང་ཆེན་དུ་བསྐྱོད་པ་དང་། དབྱི་ཝ་ཨན་གྲོང་རྡལ་ནས་ཧན་མེན་མོ་གྲོང་ཚོར་སྐྱོད་པའི་ལམ་བར་དུ་གཞུང་ལམ་བརྒལ་ནས་སྨི100ཙམ་ཡོད་པའི་གཡང་གཟར་དུ་ལྷུང་པ་རེད་ཟེར།
དཔོན་རིགས་དེས་བཤད་རྒྱུར། ས་གནས་དེའི་རོགས་སྐྱོབ་རྩ་འཛུགས་དང་མེ་ཟོན་མི་སྣས་རོགས་སྐྱོབ་ལས་དོན་སྤེལ་ཟིན་པ་དང་། རྨས་མ་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་བའི་ཁྲོད་མི7ཉེན་ཁ་ཆེན་པོར་འཕྲད་ཡོད་པ་དང་། དོན་གྱི་རྐྱེན་འབྱུང་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།