ཨུ་རུ་སི་ཡིས་ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས་བརྒྱ་དང་སོ་གཅིག་དང་ནེའུ་ཙི་ལན་གྱི་སྤྱི་དམངས་དགུ་རྒྱལ་ཁོངས་སུ་ཡོང་བར་བཀག་འགོག་བྱས།
2024.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས29ཉིན་བསྒྲགས་རྒྱུར། ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་སྲིད་གཞུང་གིས་ཨུ་རུ་སིའི་མི་སྒེར་དང་དངོས་གཞིར་བཀག་སྡོམ་བྱས་པར་འཁོན་ལན་སློག་ཆེད། ཨུ་རུ་སི་ཕྱོགས་ཀྱིས་དུས་ངེས་མེད་དུ་ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས་བརྒྱ་དང་སོ་གཅིག་དང་ནེའུ་ཙི་ལན་གྱི་སྤྱི་དམངས་དགུ་རྒྱལ་ཁོངས་སུ་ཡོང་བར་བཀག་འགོག་བྱ་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་བ་ལྟར་ན། ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་སྲིད་གཞུང་གིས་ཆབ་སྲིད་ཀུན་སློང་ལྟར་ཨུ་རུ་སིའི་མི་སྒེར་དང་དངོས་གཞིར་བཀག་སྡོམ་ལག་བསྟར་བྱས། དེའི་ཕྱིར། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སིར་རྒོལ་བའི་སྲིད་ཇུས་ནང་ཞུགས་པའི་ཨོ་སི་ཁྲུ་ལི་ཡའི་དམག་དོན་བཟོ་ལས་ཕྱོགས་བསྡུས་སྡེ་ཁག་གི་འཐུས་མི་དང་། སྨྱན་བྱད་གསར་འགོད་པ། མིང་གྲགས་མི་སྣ་བརྒྱ་དང་སོ་གཅིག་དང་། ནེའུ་ཙི་ལན་རྒྱལ་སྲུང་པུའུ་དང་དྲག་ཆས་རུ་ཁག་ལས་ཡོང་བའི་མི་སྣ་དགུ་དུས་ངེས་མེད་དུ་རྒྱལ་ཁོངས་སུ་ཡོང་བར་བཀག་འགོག་བྱེད་པའི་མིང་ཐོའི་ནང་འཇོག་རྒྱུ་ཡིན་ཟེར།

ལྷ་མོ་འཚོས་བསྒྱུར།