མོ་ཞི་ཁོའི་དབུས་རྒྱུད་ཀྱི་ངར་ལྕགས་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི12རྐྱེན་ལམ་དུ་ཤོར།
2024.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

མོ་ཞི་ཁོའི་དབུས་རྒྱུད་ཐི་ལ་སི་ཁ་ལ་ཁུལ་སྲིད་གཞུང་གིས་ཚེས30ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    ཁུལ་དེའི་ངར་ལྕགས་བཟོ་གྲྭ་ཞིག་ལ་ཉིན་དེའི་ཐོ་རེངས་སྐབས་སུ་འབར་གས་བྱུང་ནས་མི12རྐྱེན་ལམ་དུ་ཤོར་བ་དང་། མི1ལ་རྨས་སྐྱོན་ཕོག་ཡོད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། འབར་གས་བྱུང་རྗེས་མེ་ཟོན་དང་མྱུར་སྐྱོབ་སོགས་མི་སྣ་མྱུར་དུ་ཡུལ་དངོས་སུ་བསྐྱོད་པ་དང་། མིག་སྔར་ཡུལ་དངོས་གནས་ཚུལ་ཚོད་འཛིན་བྱས་ཡོད། ཐོག་མའི་བརྡར་ཤ་བཅད་པ་ལྟར་ན། འགས་གཏོར་དེ་མཆོད་རྟེན་ཞིག་གི་ནང་དུ་བྱུང་ཞིང་། དེའི་ནང་དུ་ངར་ལྕགས་ཀྱི་རྒྱུ་ཆ་བླུགས་ཡོད་པ་དང་། ཆུ་དང་འཕྲད་རྗེས་འགས་གཏོར་བྱུང་བ་རེད་ཟེར།

ཐི་ལ་སི་ཁ་ལ་ཁུལ་གྱི་ཁུལ་དཔོན་ལུའོ་ལེ་ན·ཁའེ་ལི་ཡའར་གྱིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་ཡོངས་བསྒྲགས་བྱས་ནས་བཤད་རྒྱུར། དོན་རྐྱེན་དེའི་ཐད་བློ་ཕམ་ཆེན་པོ་བྱུང་བ་དང་། ཁུལ་སྲིད་གཞུང་གི་དཔོན་རིགས་དང་མཉམ་དུ་དོན་རྐྱེན་བྱུང་སར་བསྐྱོད་དེ་འབྲེལ་ཡོད་བྱ་བར་མཐུན་སྦྱོར་བྱེད་བཞིན་ཡོད་ལ། མིག་སྔར་ཁུལ་ཞིབ་དཔྱོད་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།